མཉམ་འབྲེལ་རྒྱལ་ཚོགས་འབོད་པ།

མཉམ་འབྲེལ་རྒྱལ་ཚོགས་འབོད་པ། རྩོམ་པ་པོ། བུ་སྡུག་ཇོ་རུ།
མཉམ་འབྲེལ་རྒྱལ་ཚོགས། མཉམ་འབྲེལ་རྒྱལ་ཚོགས།
མིག་བཙུམ་ནས་མ་འདུག་མཉམ་འབྲེལ་རྒྱལ་ཚོགས།
རྣ་བ་བཀབ་ནས་མ་འདུག་མཉམ་འབྲེལ་རྒྱལ་ཚོགས།
ཁྲིམས་ལུགས་ལ་ཞིབ་བཤེར་བྱོས།
མི་མང་ལ་འགན་ཁུར་གྱིས།

དྲག་པོའི་དམག་གི་སྦྱོར་བ་བོད་ལ་གཤམ་བྱུང་།
ཉེས་མེད་མི་ཚོགས་མང་པོ་དམར་གསོད་གཏོང་བྱུང་།
ཆོས་དང་འཇིག་རྟེན་གཉིས་ལ་རང་དབང་མི་འདུག
རང་ལུས་མེ་ལ་བསྲེགས་ཏེ་ཞུ་འབོད་བྱས་ཡོད།
མིག་གིས་ལྟ་རོགས། རྣ་བས་ཉན་རོགས།
དབང་ཤུགས་གཅིག་ཏུ་སྒྲིལ་བའི་མཉམ་འབྲེལ་རྒྱལ་ཚོགས།

མཉམ་འབྲེལ་རྒྱལ་ཚོགས། མཉམ་འབྲེལ་རྒྱལ་ཚོགས།
མིག་བཙུམ་ནས་མ་འདུག་མཉམ་འབྲེལ་རྒྱལ་ཚོགས།
རྣ་བ་བཀབ་ནས་མ་འདུག་མཉམ་འབྲེལ་རྒྱལ་ཚོགས
ཁྲིམས་ལུགས་ལ་ཞིབ་བཤེར་བྱོས།
མི་མང་ལ་འགན་ཁུར་གྱིས།
དམར་གསོད་དྲག་གནོན་བྱས་ཏེ་བོད་རིགས་རྫོགས་བྱུང་།
རང་བྱུང་གཏེར་ཁ་བརྐུས་ཏེ་བོད་ཡུལ་གཏོར་བྱུང་།
ཆོས་དང་སྐད་ཡིག་ཡོད་ཚད་རྩ་མེད་བཟོས་བྱུང་།
རང་ལུས་མེ་ལ་བསྲེགས་ཏེ་ཞུ་འབོད་བྱས་ཡོད།
མིག་གིས་ལྟ་རོགས། རྣ་བས་ཉན་རོགས།
དབང་ཤུགས་གཅིག་ཏུ་སྒྲིལ་བའི་མཉམ་འབྲེལ་རྒྱལ་ཚོགས།

No comments:

Post a Comment