གྱེས་གདུང་།

གྱེས་གདུང་།རྩོམ་པ་པོ། འབའ་སྲས
                      ༼༡༽
རི་ཚོགས་དང་མཆི་མས་བདག་གི་མིག་མཐའ་བརླན།
གྱེས་གདུང་གི་རལ་གྲིས་བདག་ཡིད་ལན་བརྒྱར་གཤགས།
ཨ་མ་ལགས། ཨ་མ། ཨ་མ།
བུ་ཆུང་ངས་ནམ་ཡང་ཁྱེད་རང་དྲན།

ཡིད་སེམས་སྐྱོ་སྐྱོ་རུ་གྱུར།
མིག་ཆུ་ཐར་ཐོར་དུ་བཞུར།

༼༢༽
རྨི་ལམ་དང་རེ་བས་མཇལ་འཕྲད་ཀྱི་ཉིན་ཞགས་བཟློས།
དྲན་གདུང་གི་སེམས་པས་མཆི་མ་མིག་ཀོང་ལ་དྲངས།

ཨ་མ་ལགས། ཨ་མ། ཨ་མ།
བུ་ཆུང་ངས་ནམ་ཡང་ཁྱེད་རང་དྲན།

ཡིད་སེམས་སྐྱོ་སྐྱོ་རུ་གྱུར།
མིག་ཆུ་ཐར་ཐོར་དུ་བཞུར།

No comments:

Post a Comment