གངས་དཀར་པོ།

 གངས་དཀར་པོ། རྩོམ་པ་པོ། འབའ་སྲས།
              ༼༡༽
གངས་དཀར་པོ། གངས་དཀར་པོ།
གངས་དཀར་པོ་ཉི་མ་ཤར་ས་རེད།
གངས་དཀར་པོ་འཇའ་ཚོན་བཀྲ་ས་རེད།
གངས་དཀར་པོ། གངས་དཀར་པོ། གངས་དཀར་པོ་ང་ཡི་ཕ་ཡུལ་རེད།

          ༼༢༽
གངས་དཀར་པོ། གངས་དཀར་པོ།
གངས་དཀར་པོ་བསྟན་པ་དར་ས་རེད།
གངས་དཀར་པོ་མ་ཎི་འདོན་ས་རེད།
གངས་དཀར་པོ། གངས་དཀར་པོ། གངས་དཀར་པོ་ང་ཡི་ཕ་ཡུལ་རེད།
          ༼༣༽
གངས་དཀར་པོ། གངས་དཀར་པོ།
གངས་དཀར་པོ་སེང་གེ་འགྱིང་ས་རེད།
གངས་དཀར་པོ་མེ་རི་འབར་ས་རེད།
གངས་དཀར་པོ། གངས་དཀར་པོ། གངས་དཀར་པོ་ང་ཡི་ཕ་ཡུལ་རེད།

No comments:

Post a Comment