ཀ་མད་སུམ་ཅུའི་གླུ་དབྱངས།

༈ ཀ་མད་སུམ་ཅུའི་གླུ་དབྱངས།
                        རྩོམ་པ་པོ། ཨ་ཚོགས་བློ་བྷེ།
གངས་རི་དཀར་པོ་ང་ཚོའི་ལྕགས་རི་ཡིན།།
སྦྲ་ནག་གྲུ་བཞི་ང་ཚོའི་གཞིས་ ཁྱིམ་ཡིན།།
ཀ་ཁ་ག་ང་ང་ཚོའི་སྐད་ཡིག་ཡིན།།
ཅ་ཆ་ཇ་ཉའི་གླུ་དབྱངས་ང་ཚོས་ ལེན།།

མགོ་ནག་བོད་པ་ང་ཚོའི་མི་རིགས་ཡིན།།
སྦྲང་དཀར་རྩམ་པ་ང་ཚོའི་ཁ་ཟས་ ཡིན།།
ཏ་ཐ་ད་ན་ང་ཚོའི་སྐད་ཡིག་ཡིན།།
པ་ཕ་བ་མའི་གླུ་དབྱངས་ང་ཚོས་ལེན།།

འདོ་རིག་རྟ་ཕོ་ང་ཚོའི་བཞོན་པ་ཡིན།།
གོས་འཇམ་ཚ་རུ་ང་ཚོའི་གྱོན་ཆས་ ཡིན།
ཙ་ཚ་ཛ་ཝ་ང་ཚོའི་སྐད་ཡིག་ཡིན།།
ཞ་ཟ་འ་ཡའི་གླུ་དབྱངས་ང་ཚོས་ལེན།།

སངས་རྒྱས་བསྟན་པ་ང་ཚོའི་ཆོས་ལུགས་ཡིན།།
མ་ཎི་ཡིག་དྲུག་ང་ཚོའི་ཁ་ འདོན་ཡིན།།
ར་ལ་ཤ་ས་ང་ཚོའི་སྐད་ཡིག་ཡིན།།
ཧ་དང་ཨ་ཡི་གླུ་དབྱངས་ང་ཚོས་ ལེན།།

ཕ་སྐད་རྒྱུད་འཛིན་ང་ཚོའི་དམ་བཅའ་ཡིན།།
བོད་རིགས་གཙང་མ་ང་ཚོའི་རྒྱལ་ ཁ་ཡིན།།
ཨི་ཨུ་ཨེ་ཨོ་ང་ཚོའི་དབྱངས་བཞི་ཡིན།།
ཀ་མད་སུམ་ཅུའི་གླུ་ དབྱངས་ང་ཚོས་ལེན།

༢༠༠༩ ༩ ༧ཉིན།

1 comment:

  1. གཞས་ཚིག་རྩོན་པ་པོ་ཨ་ཚོགས་བློ་བྷེ་ལགས་སུ་བསྙད་དོན། ཁོ་བོས་དེ་སྔ་གཞས་ཚིག་འདིར་གཞས་གདངས་གསར་བ་ཞིག་བརྩམས་ཏེ་ཡོད་པས་སྐུ་ཉིད་ཀྱིས་གཞས་ཚིག་འདི་གཞན་ལ་མི་སྤྲོད་པའི་རེ་བསྐུལ་སྙིང་ནས་ཞུ་རྒྱུ་དང་ལྷན་དུ། རབ་བྱུང་ན་གཞས་ཚིག་འདི་དྲ་ཚིགས་ལས་ཕྱིར་འཐེན་བྱས་ན་ཕན་འབྲས་ཧ་ཅང་ཆེ་བས་དེ་དོན་དགོངས་འཇགས་ཞུ་རྒྱུ་དང་། སྐུ་ཉིད་ཀྱིས་ཁོ་བོའི་སྒྲ་ཐག་ཐོག་མ་གངས་ལྗོངས་ལ་སྤྲིངས་བའི་སེམས་འཔྲིན་ལ་གཟིགས་འདོད་དང་གསན་འདོད་ཡོད་ཚེ་tibet singer choetopའདི་ལ་བསྣུན་ཏེ་་youtubeནང་ལ་བཙལ་འཚོལ་ཡོད་པར་ཞུ་ཞེས་བས་མཐའི་གཞས་བ་ཆོས་སྟོབས་ཀྱིས་ཕྱི་ལོ་༢༠༡༤ཟླ༥ཚེས་༡༥ཉིན་གུས་ཕུལ།

    ReplyDelete