ཨ་མ་ལ་ཕུལ་བ

༈ ཨ་མ་ལ་ཕུལ་བ། རྩོམ་པ་པོ། འཆམ་ར་དྲི་མེད་རྒྱལ་མཚན།
 ཨ་མ་ལགས། ཨ་མ། ཨ་མ།
བུ་ཆུང་ས་མཐར་འཁྱམ་སོང་མ་བསམ་དང་།
ཁྱེད་དང་ཁ་ཐག་རིང་སོང་མ་བསམ་དང་།
བུ་ཆུང་གི་སེམས་པ་ནམ་ཡང་ཨ་མའི་པང་ན་ཡོད།
རྨི་ལམ་གྱི་ཞིང་ཁམས་ནམ་ཡང་ཨ་མ་ཁྱེད་རང་ཡིན།
ཨ་མ། ཨ་མ། ངའི་སྙིང་ནས་བརྩེ་བའི་ཨ་མ་ལགས།

ཨ་མ་ལགས། ཨ་མ། ཨ་མ།
བུ་ཆུང་སླེབས་རྒྱུར་མི་འདུག་མ་བསམ་དང་།
ཁྱེད་ལ་བརྩེ་བ་མི་འདུག་མ་བསམ་དང་།
བུ་ཆུང་གི་སེམས་པས་ནམ་ཡང་ཨ་མ་ཁྱེད་རང་དྲན་ཡོད།
མི་ཡུལ་གྱི་རེ་བ་འགྱོགས་པོ་ཨ་མ་མཇལ་འདོད་དེ་ཡིན།
ཨ་མ། ཨ་མ། ངའི་སྙིང་ནས་བརྩེ་བའི་ཨ་མ་ལགས།

No comments:

Post a Comment