ཁ་པར་ཁ་ལ་སྦྱར་ན།

༈ ཁ་པར་ཁ་ལ་སྦྱར་ན། རྩོམ་པ་པོ། འཆམ་ར་དྲི་མེད་རྒྱལ་མཚན།
ཁ་པར་ཁ་ལ་སྦྱར་ནས། །
སྙིང་གཏམ་རྒྱང་ལ་མ་བཤད། །
ཨ་ཞེ་ཚེ་རིང་ལོ་བརྒྱ། །
སྙིང་གི་རུས་པ་བཅག་ཡོང་། །


ཁ་པར་ཁ་ལ་སྦྱར་ནས། །
གཏམ་འཆལ་བཤད་ནས་མ་འདུག །
ཨ་ཕོ་ཚེ་རིང་ལོ་བརྒྱ། །
གཏན་གྱི་འདུན་མ་བརླག་ཡོང་། །

ཁ་པར་ཁ་ལ་སྦྱར་ནས། །
དུས་ཚོད་རྫོགས་འཇུག་མ་འདུག །
ཨ་ནུ་ཚེ་རིང་ལོ་བརྒྱ། །
ད་གཟོད་རྗེས་ལུས་ཐེབས་ཡོང་། །

ཁ་པར་ཁ་ལ་སྦྱར་ནས། །
ཕྲེང་བ་ཟུར་ལ་མ་འཇོག །
ཨ་མེས་ཚེ་རིང་ལོ་བརྒྱ། །
འཕྲུལ་སྣང་ཞགས་པས་བཅིང་ཡོང་། །

No comments:

Post a Comment