ཧི་མ་ལ་ནས་རྡུལ་འཚུབ་འཕྱུར་དུས།

༈ ཧི་མ་ལ་ནས་རྡུལ་འཚུབ་འཕྱུར་དུས། རྩོམ་པ་པོ། འཆམ་ར་དྲི་མེད་རྒྱལ་མཚན།
མ་ཎིའི་བྱིན་རླབས་རེ་རེ་
གདུང་བ་སྟོང་གིས་དབྱངས་སུ་བཀུག་ནས་
སྐྱོ་བ་སྟོང་གིས་ངག་ལ་གྱེར་ནས་
འདི་ནས་ས་གཡོས་པའི་ཕྱོགས་སུ་མངག་ཡོད།
ངུ་འབོད་ཀྱི་ཀུ་ཅོ་སྡིར་སར་གཏོང་ཡོད།
ཨོཾམཎིཔདྨེཧཱུཾཧྲི༔ཨོཾམཎིཔདྨེཧཱུཾཧྲི༔ཨོཾམཎིཔདྨེཧཱུཾཧྲི༔

སེམས་ཀྱི་སྨོན་འདུན་རེ་རེ་
ཚོར་བ་སྟོང་གི་ནུས་པ་བརྡར་ནས་
མིག་ཆུ་སྟོང་གི་བཞུར་སྒྲ་བསྒྲགས་ནས་
འདི་ནས་སྡུག་གི་མུན་པ་འཐིམ་སར་གཏོང་ཡོད།
སེམས་ཀྱི་ཁ་དོག་ཤོར་སར་མངག་ཡོད།
ཨོཾམཎིཔདྨེཧཱུཾཧྲི༔ཨོཾམཎིཔདྨེཧཱུཾཧྲི༔ཨོཾམཎིཔདྨེཧཱུཾཧྲི༔
2015-4-26 ཉིན། 2015-4-25 ཆེད་དུ་

No comments:

Post a Comment