ཁ་བའི་རྒྱན་ཆ་རེད།

༄༅། ། ཁ་བའི་རྒྱན་ཆ་རེད། རྩོམ་པ་པོ། ཚིག་མུ་ལ།
ཕྱོགས་ཞེན་ཆགས་སྡང་བྲལ་བའི་བླ་མ་གཅིག །
གཞན་ཕན་ཁོ་ན་བསྒྲུབ་པའི་དཔོན་པོ་གཉིས། །
མཐུན་སྒྲིལ་ཨ་ལོང་དམ་པའི་འབངས་མི་གསུམ། །
འདི་གསུམ་འཛོམ་ན་ཁ་བའི་རྒྱན་ཆ་རེད། །


ནང་དམེ་འཐབ་རྩོད་མེད་པའི་འཚོ་བ་གཅིག །
བྱམས་བརྩེའི་དྲིན་གྱིས་སྐྱོང་མཁན་ཕ་མ་གཉིས།།
རྒན་ལ་གུས་བཀུར་ལྡན་པའི་མིང་སྲིང་གསུམ། །
འདི་གསུམ་འཛོམ་ན་ཁ་བའི་རྒྱན་ཆ་རེད། །

མེས་པོའི་ཕ་སྐད་གཙང་མ་བཤད་པ་གཅིག །
ཕྱི་རོལ་ཁོར་ཡུག་སྲུང་སྐྱོབ་བྱེད་པ་གཉིས། །
ལྔ་ཟུང་རིག་གནས་སྦྱང་བརྩོན་བྱེད་པ་གསུམ། །
འདི་གསུམ་འཛོམ་ན་ཁ་བའི་རྒྱན་ཆ་རེད། །

No comments:

Post a Comment