ཁྱེད་ཀྱི་བཀའ་དྲིན།

ཁྱེད་ཀྱི་བཀའ་དྲིན། __གཞས་ཚིག རྩོམ་པ་པོ་འཛུམ།
སྐྱབས་མགོན་ལགས། ཡིད་བཞིན་ནོར་བུ།
ང་ཚོས་ཁྱེད་ཀྱི་ངག་ནས།
ཆོལ་གསུམ་གྱི་ཕུ་ནུ་མིང་སྲིང་།
རྡོག་རྩ་ཆིག་སྒྲིལ། དཔུང་པ་མཉམ་གཤིབ།
མཐུན་འབྲེལ་གྱི་རྩ་བ་ཚུགས་སོང་།
སྐྱབས་མགོན་ལགས། ཡིད་བཞིན་ནོར་བུ་ཁྱེད་ལ་བཀའ་དྲིན་ཞུ།
ཁྱེད་ཉིད་ད་དུང་ང་ཚོའི་ཆེད། འདི་ལྟར་བསྐལ་བརྒྱར་བཞུགས་རོགས།

ཡབ་ཆེན་ལགས། ལྷ་མོ་དོན་གྲུབ།
ང་ཚོས་ཁྱེད་ཀྱི་གསུང་ལས།
ཡབ་མེས་ཀྱི་གཅེས་ནོར་རིན་ཆེན།
དབྱངས་གསལ་སོ་བཞི། ཡུལ་སྲོལ་གོམས་གཤིས།
སྲུང་སྐྱོབ་དང་དར་སྤེལ་ཐུབ་སོང་།
ཡབ་ཆེན་ལགས། ལྷ་མོ་དོན་གྲུབ་ཁྱེད་ལ་བཀའ་དྲིན་ཞུ།
ཁྱེད་ཉིད་ད་དུང་ང་ཚོའི་ཆེད། འདི་ལྟར་བསྐལ་བརྒྱར་བཞུགས་རོགས།

ཨ་ཇོ་ལགས། ཞི་བདེའི་དེད་དཔོན།
ང་ཚོས་ཁྱེད་ཀྱི་མདུན་ནས།
གདོང་དམར་བའི་ས་ཡ་དྲུག་ལ།
ཕོ་མོ་འདྲ་མཉམ། ཆོས་ལུགས་རིས་མེད།
ཞི་བདེ་དང་མང་གཙོ་ཐོབ་སོང་།
ཨ་ཇོ་ལགས། ཞི་བདེའི་དེད་དཔོན་ཁྱེད་ལ་བཀའ་དྲིན་ཞུ།
ཁྱེད་ཉིད་ད་དུང་ང་ཚོའི་ཆེད། འདི་ལྟར་བསྐལ་བརྒྱར་བཞུགས་རོགས།
9/ 4/ 2015

No comments:

Post a Comment